Panel Discussion on Strategies for Preserving Tibetan Identity, 23 September 2026, Canberra

Published on 23 September 2026 at 12:02 pm

 AATH Report. 23 September, 2026

Dr Joshua Esler will be giving a talk in Canberra as part of a panel focused on preserving Tibetan culture and identity. Other participants in the panel will include a Tibetan member of parliament of the Tibetan Government in Exile, and the head of the Canberra Tibetan Association. Dr Esler’s talk will focus on the importance of Tibetan being used as a living language that is integrated into every aspect of life, for its ongoing propagation and use as a fundamental building block for a free Tibet in the future. This includes every aspect of education, wherein Tibetan is used as a medium of instruction. Dr Esler’s talk will outline the Australian Association of Tibetan and Himalayan Studies’ proposal to deliver higher education programs that will use Tibetan as the medium of instruction either exclusively (for the proposed intensive one year of Tibetan language and cultural learning program), or conjointly with English (for the proposed BA in Tibetan Studies). His talk is based on his own experience of learning other languages, particularly Hebrew, in a higher education setting, wherein the only medium of instruction was the target language itself. It is hoped that this integrative approach to language learning and its importance for the building of a free Tibet moving forward will inspire and challenge the Tibetan families and youth present at the event.   

བོད་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ཐབས་བྱུས་སྐོར་ལ་ཚན་ཆུང་བགྲོ་གླེང་ཚོགས་འདུ་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རར་འཚོགས་པ།

AATHགསར་གནས། ཕྱི་ལོ ༢༠༢༦ལོའི་ཟླ ༩ ཚེས ༢༣ཉིན། 

ཕྱི་ལོ ༢༠༢༦ལོའི་ཟླ ༩ ཚེས ༢༣ ཉིན།  ཨོ་སི་ཊོ་ལི་ཡའི་བོད་དང་ཧི་མ་ལ་ཡ་ཞིབ་འཇུག་མཐུན་ཚོགས་མཉམ་འཛུགས་གནང་མཁན་འབུམ་རམས་པ་ཇོ་ཞི་བ་ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རར་འཚོགས་ཀྱིན་པའི་བོད་ཀྱི་རིག་གཞུང་དང་ངོ་བོ་སྲུང་སྐྱོབ་ཀྱི་ཐབས་བྱུས་སྐོར་གྱི་ཚན་ཆུང་བགྲོ་གླེང་ཚོགས་འདུའི་སྟེང་དུ་མགྲོན་འབོད་ལྟར་གཏམ་བཤད་ཀྱི་ཆ་ཤས་བླངས་ཡོད།

ཚན་ཆུང་བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་ཁྲོད་དུ་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཤིག་དང་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ། ཨོ་སི་ཊོ་ལི་ཡའི་ཆེད་མཁས་པ་བཅས་ཡོད་པར་མ་ཟད། ད་དུང་བོད་པའི་ཁྱིམ་མི་དང་གཞོན་སྐྱེས་ཀྱང་གང་མང་ཕེབས་འདུག

འབུམ་རམས་པ་ཇོ་ཞི་བ་ལགས་ཀྱི་གཏམ་བཤད་ནང་གལ་བོ་ཆེ་ལ་ནན་ཏན་གྱིས་གསུངས་དོན། བོད་ཀྱི་སྐད་ཡིག་དེ་བཞིན་མི་ཚེའི་གནས་སྟངས་ཚང་མར་མཉམ་བསྲེས་བྱེད་པའི་སྐད་ཡིག་གསོན་པོ་ཞིག་ཏུ་བེད་སྤྱོད་གཏོང་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་མ་ཟད། སྐད་ཡིག་དར་སྤེལ་རྒྱུན་འཁྱོངས་ཀྱིས་བོད་ཀྱི་མ་འོངས་རང་དབང་སླར་གསོའི་རྨང་རྡོར་བསྐྲུན་དགོས། དེའང་བོད་ཡིག་ནི་ཤེས་ཡོན་སློབ་གསོའི་བརྒྱུད་ལམ་གང་དུའང་སློབ་ཁྲིད་ཀྱི་སྐད་ཡིག་ལ་བེད་སྤྱོད་གཏོང་འོས།

དེ་མཚུངས་སུ་འབུམ་རམས་པ་ཇོ་ཞི་བ་ལགས་ནས་ཨོ་སི་ཁྲུ་ལི་ཡའི་བོད་དང་ཧི་མ་ལ་ཡ་ཞིབ་འཇུག་མཐུན་ཚོགས་ཀྱི་ལས་འཆར་ངོ་སྤྲོད་གནང་ཞིང་། ལས་འཆར་གཙོ་བོ་ནི་བོད་ཡིག་དེ་བཞིན་མཐོ་རིམ་སློབ་གསོའི་ལས་རིམ་སློབ་ཁྲིད་ཀྱི་བརྒྱུད་ལམ་དུ་བེད་སྤྱོད་གཏོང་རྒྱུ། དཔེར་ན།  བོད་ཡིག་རྐྱང་པ་སྟེ། བོད་ཡིག་རྨང་གཞི་ཟབ་གཏོང་ལས་རིམ། (ལོ་གཅིག)

གཞན་བོད་དབྱིན་ཟུང་འབྲེལ་གྱི་ལས་རིམ་མམ་བོད་དང་ཧི་མ་ལ་ཡ་ཞིབ་འཇུག་གི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལས་རིམ། (ལོ་གསུམ། )

དེ་བཞིན་དུ་འབུམ་རམས་པ་ཇོ་ཞི་བ་ལགས་ནས་རང་ཉིད་མཐོ་རིམ་སློབ་གསོའི་ཁོར་ཡུག་བརྒྱུད་རིམ་ཁྲོད་དུ་སྐད་ཡིག་གཞན་པ་སྦྱངས་པའི་ཉམས་མྱོང་སྟེ། སྒོས་སུ་ཧི་བྷི་རུའི་སྐད་ཡིག་སློབ་སྦྱོང་བྱས་པའི་ཐབས་ལམ་གཞིར་བཞག་ནས་གཏམ་བཤད་གནང་བ་དང་། སྐད་ཡིག་སློབ་སྦྱོང་གི་གཅིག་སྒྲིལ་གྱི་ཐབས་ལམ་འདི་དང་དེའི་གལ་ཆེའི་རང་བཞིན་གྱིས་བོད་རང་དབང་ལས་འགུལ་གྱི་གོམ་སྟབས་མདུན་ཕྱོགས་སུ་བསྐྱོད་ཆེད་བྱེད་སྒོའི་ནང་ཞུགས་མཁན་བོད་པའི་ཁྱིམ་མི་ཡོངས་དང་གཞོན་སྐྱེས་ཚོར་བསྐུལ་འདེད་དང་འགྲན་སློང་མཉམ་དུ་མཁོ་སྤྲོད་བྱེད་ཐུབ་ཡོད་པར་རེ་བ་ཡོད་ཅེས་གསུངས་སོང་།