Preserving Tibetan culture and language

             བོད་ཀྱི་རིག་གཞུང་གཙོས་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ།

The Australian Association of Tibetan and Himalayan Studies is a non-profit organisation dedicated to protecting and propagating Tibetan language and culture. We achieve this through comprehensive research and are working towards the delivery of a robust Tibetan language and cultural studies program for undergraduate students. We also acknowledge and support research on non-Tibetan minority languages spoken within the Tibetan cultural sphere, and on all cultures, religions and traditions practiced by Tibetans. 

ཨོ་སི་ཊོ་ལི་ཡའི་བོད་དང་ཧི་མ་ལ་ཡ་ཞིབ་འཇུག་མཐུན་ཚོགས་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དང་དྲིལ་བསྒྲགས་དམིགས་འབེན་དུ་བཟུང་བའི་ཁེ་ལས་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་འདིས་ཞིབ་འཇུག་གཏིང་ཟབ་བྱས་ཏེ་བསྒྲུབ་བྱ་གཙོ་བོ་ནི། མཐོ་སློབ་རིམ་པའི་སློབ་མར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ལས་རིམ་སྐད་གཉིས་ཏེ། བོད་ཡིག་དང་དབྱིན་ཡིག་གི་ལམ་ནས་སློབ་སྦྱོང་ཚད་ལྡན་ཞིག་སྤྲོད་རྒྱུའི་ཐད་འབད་བརྩོན་བྱེད་བཞིན་ཡོད། ང་ཚོར་བོད་ཀྱི་རིག་གནས་ཁྱབ་ཁོངས་སུ་གཏོགས་པའི་བོད་མི་མ་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་བོད་མི་རིགས་ལ་དང་ལེན་ཡོད་པའི་རིག་གནས་དང་ཆོས་ལུགས། སྲོལ་རྒྱུན་ཚང་མའི་ཐོག་ཞིབ་འཇུག་བྱེད་པར་ངོས་འཛིན་དང་རྒྱབ་སྐྱོར་ཡོད།

Our mission and vision

    མཐུན་ཚོགས་ཀྱི་ལས་འགན་དང་འཆར་གཞི།

We strive to be a leading voice in the academic and public understanding of Tibetan and Himalayan cultures. Our work is essential in ensuring these rich traditions continue to thrive for future generations. Join us in our journey of discovery and preservation.

མཐུན་ཚོགས་འདིས་ཤེས་ཡོན་གྱི་སྡེ་དང་སྤྱི་ཚོགས་ཁྲོད་བོད་དང་ཧི་མ་ལ་ཡའི་རིག་གཞུང་སྐོར་ལ་གོ་རྟོགས་སྤེལ་མཁན་གྱི་སྣེ་ཁྲིད་མགྲིན་ཚབ་པར་འགྱུར་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། མཐུན་ཚོགས་ཀྱི་ལས་ཀ་འདི་བཞིན་སྲོལ་རྒྱུན་ཤེས་རིག་ཕྱུག་པོ་འདི་དག་ད་ལྟ་དང་མ་འོངས་པའི་མི་རབས་ཁྲོད་མུ་མཐུད་འཕེལ་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད་པར་དམིགས་ཡོད། ང་ཚོའི་འཚོལ་སྙེག་དང་སྲུང་སྐྱོབ་ཀྱི་འགྲུལ་བཞུད་རིང་མོ་འདིར་མཉམ་ཞུགས་གནང་རོགས།

How we make an impact  མཐུན་ཚོགས་འདིས་ཤུགས་རྐྱེན་ཇི་ལྟར་སྐྲུན་གྱི་ཡིན་ནམ། 

Through cultural appreciation programs, undergraduate courses, and research we aim to engage, educate, and empower individuals to connect with Tibetan and Himalayan heritage.  རིག་གནས་ལ་རོལ་མྱོང་གི་ལས་རིམ་དང་། མཐོ་སློབ་ཀྱི་སློབ་ཚན། ཞིབ་འཇུག་བཅས་བརྒྱུད་ནས་མི་སྒེར་དོ་སྣང་ཅན་རེ་རེ་དང་བོད་དང་ཧི་མ་ལ་ཡའི་ཤུལ་བཞག་རིག་གནས་བར་དུ་འབྲེལ་ཟམ་འཛུགས་ཐུབ་པ་དེའོ།

Research initiatives  ཞིབ་འཇུག་རྣམ་གྲངས། 

We conduct and support in-depth research into Tibetan and Himalayan language, history, politics, and cultural practices, contributing valuable insights to global scholarship.  ང་ཚོས་བོད་དང་ཧི་མ་ལ་ཡའི་སྐད་ཡིག་དང་། ལོ་རྒྱུས། ཆབ་སྲིད། རིག་གནས་ཀྱི་ལག་ལེན་བཅས་ལ་རྒྱབ་སྐྱོར་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ། འཛམ་གླིང་ཤེས་རིག་ལ་རིན་ཐང་ཅན་གྱི་ལེགས་སྐྱེས་སུ་ཕུལ་གྱི་ཡིན། 

Cultural appreciation programs རིག་གཞུང་རོལ་མྱོང་ལས་རིམ། 

Our cultural appreciation programs offer opportunities for students and enthusiasts to learn Tibetan language and immerse themselves in Tibetan and Himalayan culture. ང་ཚོའི་རིག་གཞུང་རོལ་མྱོང་ལས་རིམ་གྱིས་སློབ་ཕྲུག་དང་དགའ་མོས་ཅན་ཚོར་བོད་ཡིག་སློབ་སྦྱོང་སྤྲོད་ཐུབ་པར་མ་ཟད། བོད་དང་ཧི་མ་ལ་ཡའི་རིག་གཞུང་ཉམས་སུ་ལེན་པའི་གོ་སྐབས་བསྐྲུན་ཐུབ། 

Community engagement མང་ཚོགས་མཉམ་ཞུགས།

We organise events, workshops, and lectures to foster a deeper understanding and appreciation of Tibetan culture within the wider community. ང་ཚོས་བྱེད་སྒོ་དང་། ཟབ་སྦྱོང་། གཏམ་བཤད་བཅས་གོ་སྒྲིག་བྱས་ཏེ། རྒྱ་ཆེ་བའི་སྤྱི་ཚོགས་ནང་དུ་བོད་དང་ཧི་མ་ལ་ཡའི་རིག་གཞུང་ལ་གོ་རྟོགས་སྤེལ་བ་དང་དགའ་བསུ་ཡོང་བར་སྐུལ་འདེད་གཏོང་གི་ཡོད།

Support and advocacy རྒྱབ་སྐྱོར་དང་སྐུལ་སློང་། 

We advocate for the protection of Tibetan cultural heritage and provide support for initiatives that promote its survival and growth. ང་ཚོས་བོད་ཀྱི་རིག་གནས་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བར་སྐུལ་སློང་དང་དེ་མུ་མཐུད་གནས་པ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད།

Gallery of cultural richness རིག་གཞུང་གི་གཏེར་མཛོད། 

Explore the beauty and depth of Tibetan and Himalayan culture through our captivating photo and video gallery.  འདིར་བཀོད་ཡིད་དབང་འཕྲོག་པའི་འདྲ་པར་དང་བརྙན་ཐུང་ཁག་བརྒྱུད་དེ་ཚང་མས་བོད་དང་ཧི་མ་ལ་ཡའི་རིག་གཞུང་གི་མཛེས་སྡུག་དང་ཟབ་ཚད་ལ་འཚོལ་ཞིབ་བྱེད་ཆོག 

Connect with us  ང་ཚོ་ལ་འབྲེལ་བ་གནང་རོགས། 

Our headquarters ང་ཚོའི་ལས་ཁུངས། 

Email: info@aath.net.au 
Phone number: 61 435912671
Perth, Western Australia